སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ།

2023-01-16 10:27:42

སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ།

བོད་ཡིག་རྩོམ་སྒྲིག་ཁང་གིས་བསྒྱུར།      

ཝང་ཞའོ་ཧུའེ་དང་ཧོང་ཆང་གདན་ཞུས་ལྟར་གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཞུགས། ཐེན་ཞང་ལི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་། ཀྲུང་མེན་དང་ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བརྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞུའེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ།

སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་པོ་ཁྲེང་ཏུའུ་རུ་གྲོལ།


ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་པོས་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་སྤྱི་ཟླ་དང་པོའི་ཚེས14ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད།

གྲོས་ཚོགས་གྲོལ་བའི་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་ཐེན་ཞང་ལི་དང་ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བརྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞུའེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན། ལི་ཅན་ཆིན་བཅས་ཡིན་པ་དང་། ཐེན་ཞང་ལི་ཡིས་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གྲོལ་བའི་ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན873ཡིན་ཞིང་། དངོས་སུ་ཞུགས་པའི་ཨུ་ཡོན835ཡོད་པས། གཏན་འབེབས་མི་གྲངས་དང་མཐུན་པ་རེད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ཧོང་ཆང་གདན་ཞུས་ལྟར་གྲོས་ཚོགས་གྲོལ་བའི་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།

གྲོས་ཚོགས་གྲོལ་བའི་ཚོགས་འདུའི་སྔོན་དུ་འཚོགས་པའི་འདེམས་བསྐོའི་ཚོགས་འདུའི་ཐོག།ཐེན་ཞང་ལི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་བ་དང་། ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བརྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེང་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་ཐོན་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། ལི་ཅན་ཆིན་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་། ཏིང་ཁྲེང་མིང་སོགས་མི163སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།

མཇུག་སྒྲིལ་ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད》དང《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་དཔྱད་གནས་ཚུལ་གྱི་སྙན་སེང་》ལ་གྲོས་འཆམ་བྱུང་བ་རེད།

ཐེན་ཞང་ལི་ཡིས་སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཨུ་ཡོན་རྣམ་པར་བཀའ་དྲིན་ཞུས། ཁོང་གི་གསུང་བཤད་གནང་སྐབས་གསུངས་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས།འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བྲིས་པའི་དུས་སྐབས་གལ་ཆེན་ལ་ཚོགས་པ་རེད། ཚོགས་འདུའི་སྐབས་སུ་རྒྱ་ཆེའི་ཨུ་ཡོན་རྣམ་པས་ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོ་ཞིང་། འགན་སྒྲུབ་ཀྱི་སྤྲོ་སེམས་ཁེངས་ནས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་འགོ་ཚུགས་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་སྙན་སེང་དང་ཡིག་ཆ་ལ་ཞིབ་དཔྱད་གྲོས་བསྡུར་ནན་ཏན་བྱས་ནས། ཚད་མཐོ་བ་དང་གཏིང་ཟབ་པ།བདེ་དྲོད་ཡོད་པའི་དངོས་མཐོང་བདེན་རྟོགས་ཀྱི་གནས་ཚུལ་མང་པོ་བཏོན་པར་བརྟེན། རྒྱ་ཆེའི་ཨུ་ཡོན་ཚོའི་སྤྱི་ཡོངས་ལ་བསམ་པ་བཅངས་པ་དང་དམངས་འཚོ་ལ་བརྩེ་བ་བཅིངས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་མཚོན་པར་བྱས་ཡོད་ལ། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་ལས་ཁུངས་ལ་བྱས་རྗེས་འཇོག་པའི་ཁྱད་འཕགས་ཀྱི་ནུས་པ་མཚོན་པ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་གསོན་ཤུགས་རྒྱས་པར་བྱས་ཡོད།

ཐེན་ཞང་ལི་ཡིས་བསྟན་དོན།དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འབུངས་དང་ཧུར་བརྩོན་བྱས་ནས་ཐོབ་པ་ཡིན། རྒྱང་སྐྱོད་ལམ་གསར་དུ་བསྐྱོད་པ་དང་ལེའུ་གསར་པ་བྲིས་པར་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོནབྱས་པ་དང་།སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་བཅོས་བསྒྱུར་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ཤིང་། ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་།ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་འཕེལ་རྒྱས་སྦྲེལ་མཐུད། ཐབས་འདོན་ཇུས་འདོན་དང་ངོས་འཛིན་གོང་བུར་བསྒྲིལ་ཏེ་ཕྱོགས་གཉིས་ཀ་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་ལྟེ་གནས་ལ་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་ནས་དམངས་དོན་དུ་བསྒྲུབ་རྒྱུའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་དམངས་སེམས་གོང་བུར་བསྒྲིལ་ཏེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་འབད་པ་ཆེན་པོས་སྲིད་གྲོས་ཀྱི་ལས་དོན་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་བར་སྐུལ་འདེད་གཏང་དགོས།

ཐེན་ཞང་ལི་ཡིས་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ན། མདུན་ལམ་ནི་འོད་སྟོང་འབར་བ་དང་ལས་འགན་ཆེ་ཞིང་ཕུགས་རིང་བ་རེད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་འགན་འཁྲི་ཅི་ནུས་བསྒྲུབས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་སྒུལ་ཁྲིད་ཐོག་ནུས་ཤུགས་གཅིག་འདུས་བྱས་ཏེ “ཅན་བཞི་མཉམ་སྐྱོང་། གྲོང་ཡུལ་མཉམ་འདྲེས། ས་ཁུལ་ལྔ་མཉམ་དར”སྤྱི་ཡོངས་ནས་འཛིན་པ་དང་། “ཆབ་སྲིད་ལ་དང་དོད། འཕེལ་རྒྱས་གཙོར་འཛིན། དམངས་འཚོར་ཕན་སྒྲུབ། བདེ་འཇགས་འགན་སྲུང” གི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ“བློ་སེམས་གཅིག་མཐུན་གྱིས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་པར”ཆེད་སྤྱོད་བྱ་སྤྱོད་གཏིང་ཟབ་པོ་སྤེལ་ནས་བློ་གྲོས་ཟབ་པའི་སྐད་ཆ་བཤད་པ་དང་།དོན་དངོས་གཉེར་བའི་ཐབས་ཇུས་འདོན་པ། ཕན་ཡུན་རིང་བའི་འཆར་འགོད་བཟོས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྟེ་གནས་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་བྱས་རྗེས་འཇོག་ཚད་མཐོར་འདེགས་གཏང་དགོས། སྲིད་གྲོས་ཀྱི་དགེ་མཚན་དམིགས་སུ་ཐོན་པར་བྱས་ཏེ་ངོ་བོའི་ངེས་གནས་འཕྱུག་མེད་ཁོང་དུ་ཆུད་ནས་འགན་ནུས་སྒྲུབ་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པའི་དུས་མཚུངས་སུ། དུས་རྣམ་ཀུན་ཏུ་དམངས་དོན་ལ་གྲོས་མོལ་དང་དམངས་དོན་དུ་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་ནས“དོན་དག་ཡོད་ན་གྲོས་མོལ་བྱ་རྒྱུ”གཙོ་བོ་འཛིན་པའི་གྲོས་མོལ་གྱི་ལས་སྟེགས་འཛུགས་སྐྱོང་རྒྱ་བསྐྱེད་བཏང་ནས་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་བརྒྱུད་རིམ་ཧྲིལ་པོའི་ཐོག་ནུས་པ་དེ་བས་ཆེན་པོ་འདོན་སྤེལ་བྱ་དགོས། ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྲིད་གྲོས་ལ་རྒྱུས་ཤེས་དང་གྲོས་མོལ་བྱེད་ཤེས་པ། གྲོས་གཞི་འདོན་མཁས་པ། ལུགས་སྲོལ་ལ་བརྩི་མཐོང་། ཀུན་སྤྱོད་གཙིགས་འཛིན”བཅས་

ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས “འགན་ནུས་སྒྲུབ་པའི་བླ་སྲོག”སྲ་བརྟན་དུ་གཏོང་བ་དང་། “འགན་ནུས་སྒྲུབ་པའི་འཇོན་ནུས”ཇེ་དྲག་ཏུ་གཏོང་བ། “འགན་ནུས་སྒྲུབ་པའི་འགན་འཁྲི”ཇེ་དྲག་ཏུ་བཏང་ནས་མཐུན་སྒྲིལ་འབད་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་ལས་འགན་དེ་བས་ཆེན་པོ་ཁུར་ནས་ཞིང་ཆེན་ཏང་ཨུ་དང་སི་ཁྲོན་ཡོངས་ཀྱི་མི་དམངས་ལ་གཡུར་དུ་ཟ་བའི་སྲིད་གྲོས་ཀྱི་རྒྱུགས་ལན་སྤྲོད་དགོས།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་འགོ་ཁྲིད་བློ་མཐུན། སི་ཁྲོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཁྲེང་ཏུའུ་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁག་ཅིག།ཞིང་ཆེན་རིམ་པའི་འགོ་ཁྲིད་ཁག་ཅིག།སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་འགན་མི་བཞེས་པའི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། དྲུང་ཡིག་ཆེན་མོ་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་ཡོད་པ་རེད།།

最新评论

相关推荐