སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ།

2023-01-16 10:27:25

སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ།

ཝང་ཞའོ་ཧུའེ་དང་ཧོང་ཆང་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས། ཐེན་ཞང་ལི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རུ་བདམས།

ཀྲུང་མེན་དང་། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བསྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེན་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན་བཅས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ།

        ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་པོས་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། སྤྱི་ཟླ་དང་པོའི་ཚེས་14ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་རུ་མཇུག་བསྒྲིལ།

        མཇུག་སྒྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་ཐེན་ཞང་ལི་དང་ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བསྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེན་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན། ལི་ཅན་ཆིན་བཅས་ཡིན་པ་དང་། ཐེན་ཞང་ལི་ཡིས་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

        ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་མཇུག་སྒྲིལ་ཚོགས་འདུར་ཨུ་ཡོན་873ཞུགས་དགོས་པ་དང་དངོས་སུ་ཨུ་ཡོན་835ཞུགས་ཡོད་པས། གཏན་འབེབས་ཀྱི་མི་གྲངས་དང་མཐུན་ཡོད།

        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་པར་མ་ཟད། ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ། སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།

        མཇུག་སྒྲིལ་ཚོགས་འདུའི་སྔོན་དུ་འཚོགས་པའི་འདེམས་བསྐོའི་ཚོགས་འདུའི་ཐོག །ཐེན་ཞང་ལི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས་ཐོན་བྱུང་བ་དང་། ཀྲུང་མེན། ཏུའུ་ཧོ་ཕིང་། རྡོ་རྗེ་རབ་བསྟན། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ལིའུ་ཁྲེན་མིང་། དབྱང་ཏན། ཞེ་ཧྲང་ཧྭ། ལིའུ་ཞུས་ཀོང་། ཞུས་ཝེ་ལིན་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། ལི་ཅན་ཆིན་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས། ཏིང་ཁྲེང་མིང་སོགས་ཀྱི་ཨུ་ཡོན་163སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས་པ་རེད།

        མཇུག་སྒྲིལ་ཚོགས་འདུའི་ཐོག《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད》དང་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་དཔྱད་གནས་ཚུལ་གྱི་སྙན་ཞུ》ལ་གྲོས་འཆམ་བྱུང་ཡོད།

        ཐེན་ཞང་ལི་ཡིས་སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཨུ་ཡོན་རྣམ་པར་བཀའ་དྲིན་ཞུས། ཁོང་གི་གསུང་བཤད་ལས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱས་ནས། འབད་པ་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བའི་དུས་སྐབས་གལ་ཆེན་ལ་ཚོགས་པ་རེད། ཚོགས་འདུའི་སྐབས། རྒྱ་ཆེའི་ཨུ་ཡོན་རྣམ་པས་ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོ་ཞིང་། འགན་སྒྲུབ་སྤྲོ་སེམས་ཀྱིས་ཁེངས་ནས། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་འགོ་ཚུགས་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་སྙན་ཞུ་དང་ཡིག་ཆ་ལ་ཞིབ་དཔྱད་གྲོས་བསྡུར་ནན་ཏན་བྱས་ནས། ཚད་མཐོ་བ་དང་གཏིང་ཟབ་པ། དྲོད་ལྡན་པའི་དངོས་མཐོང་བདེན་རྟོགས་ཀྱི་གནས་ཚུལ་མང་པོ་བཏོན་པས། རྒྱ་ཆེའི་ཨུ་ཡོན་ཚོའི་སྤྱི་ཡོངས་ཀྱི་བསམ་པ་དང་བརྩེ་བ་དམངས་འཚོ་ལ་བཅངས་བའི་ཆབ་སྲིད་ཀྱི་སྤྲོ་སེམས་མཚོན་པར་བྱས་ཡོད་ལ། མི་དམངས་སྲིད་གྲོས་ནི་ཆེད་དམིགས་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་དགེ་མཚན་ཕན་ནུས་མངོན་པ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་གསོན་ཤུགས་རྒྱས་པར་བྱས་ཡོད། 

        ཐེན་ཞང་ལི་ཡིས་བསྟན་དོན། དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འབུངས་དང་ཧུར་བརྩོན་བྱས་ནས་ཐོབ་པ་ཡིན། རྒྱང་སྐྱོད་གསར་པར་བསྐྱོད་པ་དང་ལེའུ་གསར་པ་འབྲི་བར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་ཀ་བཅོས་བསྒྱུར་སྐོར་གྱི་བསམ་བློ་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས་པར་མ་ཟད། ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཨུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཚགས་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་འཕེལ་རྒྱས་སྦྲེལ་མཐུད་བྱེད་པ། བློ་འདོན་ཇུས་འབུལ་དང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ཀ་ནས་ཤུགས་འདོན་པར་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲོག་ཤིང་སྲུང་སྐྱོང་དང་ལྟེ་བར་ཞབས་ཞུ་བྱེད་པར་ཕྱོགས་པ། དམངས་སེམས་སྲུང་བ་དང་དམངས་སེམས་གཅིག་སྒྲིལ་བྱས་ཏེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པར་འབད་པ་ཆེན་པོས་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

        ཐེན་ཞང་ལི་ཡིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ན། མདུན་ལྗོངས་ལ་འོད་སྟོང་ལྡན་པ་དང་། འགན་ཆེ་ཞིང་ཕུགས་རིང་བ་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཞིང་ཨུའི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་ཅི་ནུས་ཀྱིས་དོན་འཁྱོལ་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་སྤྱིའི་སྣེ་ཁྲིད་ལ་དམིགས་པ་གཏད་ཅིང་། “ཅན་བཞི་མཉམ་འགྲོས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ཆུས་ལྔ་མཉམ་དར”གཙོ་བོར་འཛིན་པ་དང་། “ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་གཙོར་འཛིན། དམངས་འཚོར་ཕན་སྒྲུབ། བདེ་འཇགས་ལ་འགན་སྲུང་”བཅས་སྤྱིའི་རིགས་ལམ་དུ་འཛིན་པ། “བློ་ཁ་གཅིག་མཐུན་གྱིས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པའི”ཆེད་སྤྱོད་བྱ་སྤྱོད་གཏིང་ཟབ་པའི་སྒོ་ནས་སྤེལ་དགོས་པར་མ་ཟད། བློ་འདོན་ཇུས་འབུལ་གང་ལེགས་བྱེད་པ་དང་། ཕུགས་ལ་ཕན་པའི་འཆར་འགོད་བཟོས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་བྱས་རྗེས་ཀྱི་ཕྱོད་ཚད་མཐོར་འདེགས་སུ་གཏོང་དགོས། སྲིད་གྲོས་ཀྱི་དགེ་མཚན་འབུར་དུ་ཐོན་པར་བྱས་ནས་ཡང་དག་པར་ངོ་བོའི་ངེས་གནས་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱུན་ཆད་མེད་པར་འགན་སྒྲུབ་ཀྱི་བྱེད་ཐབས་འཚོལ་ཞིབ་བྱེད་པ། དུས་རྣམ་ཀུན་ཏུ་དམངས་ལ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། “དོན་དག་ཡོད་ན་སྲིད་གྲོས་འཚོལ་དུ་ཕེབས”ཀྱིས་གཙོས་པའི་གྲོས་མོལ་སྟེགས་བུ་འཛུགས་སྐྲུན་དང་རྒྱ་བསྐྱེད་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་དོན་འཁྱོལ་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། ཐོག་མའི་སེམས་འདུན་ཡིད་ལ་བརྟན་པོར་བཅངས་ནས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“སྲིད་གྲོས་ཤེས་པ། གྲོས་མོལ་ཤེས་པ། གྲོས་འདོན་ལ་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་བརྩི་བ། ཀུན་སྤྱོད་གཙིགས་འཛིན”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། “འགན་སྒྲུབ་ཀྱི་སྲོག་རྩ”སྲ་བརྟན་དུ་གཏོང་བ་དང་། “འགན་སྒྲུབ་ཀྱི་ནུས་པ”ཇེ་མཐོར་གཏོང་བ། “འགན་སྒྲུབ་ཀྱི་འགན་སེམས”ཤུགས་དྲག་ཏུ་བཏང་ནས་མཐུན་སྒྲིལ་འབད་བརྩོན་གྱིས་རྒྱང་སྐྱོད་གསར་པར་འགན་ཆེན་པོ་ཁུར་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་སི་ཁྲོན་ཡོངས་ཀྱི་མི་དམངས་ལ་གཡུར་དུ་ཟ་བའི་སྲིད་གྲོས་ཀྱི་རྒྱུགས་ལན་སྤྲོད་དགོས།

        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་སི་ཁྲོན་དུ་བཅའ་སྡོད་བྱས་པའི་དམག་དཔུང་གི་འགོ་ཁྲིད་བློ་མཐུན། སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཁྲེང་ཏུའུ་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁག་ཅིག །ཞིང་ཆེན་རིམ་པའི་འགོ་ཁྲིད་ཁག་ཅིག །སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་འགན་མི་བཞེས་པའི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། དྲུང་ཡིག་ཆེན་མོ་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས།

最新评论

相关推荐