ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལེགས་སྨོན་གྱིས་གྲོས་གཞི་འདི་འདྲ་བཏོན།

2023-01-16 10:27:35

ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལེགས་སྨོན། དངོས་མིན་ཤུལ་བཞག་རིག་གནས་ཀྱི་གསོན་ཤུགས་སྩོལ།

        ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལེགས་སྨོན་གྱིས། གསར་དུ་བདམས་པའི་སྐབས་གསར་པའི་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཆ་ནས། འདི་ནི་ངའི་གཟི་བརྗིད་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན། ང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། གོ་སྐབས་དང་རིན་ཐང་བེད་སྤྱད་དེ་ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་དང་། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ། རིག་གནས་ཡོད་ཚད་གང་ཐད་ནས་འཕེལ་རྒྱས་གཏང་རྒྱུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་བླང་བྱ་ཚད་མཐོན་པོའི་གཅིག་གྱུར་ཡོང་བ་བྱ་རྒྱུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་བཅས་ཀྱི་འགོ་ཚུགས་པ་ལ་ངོས་འཛིན་གཟབ་ནན་དགོས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་བཅས་ཀྱི་ཐད་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། དེའི་ཕྱིར། ད་ཐེངས་ཞིང་ཆེན་གྱི་སྲིད་གྲོས་གྲོས་ཚོགས་ཐོག་ངས“དངོས་མིན་ཤུལ་བཞག་རིག་གནས་ཀྱི་རིག་གནས་གསོན་ཤུགས་རྒྱས་པར་བྱེད་དགོས”ཞེས་པའི་གྲོས་གཞི་འདི་ཕུལ་བ་ཡིན། རང་ཉིད་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པའི་རྩེར་སོན་ལག་རྩལ་སྤྱད་དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ལས་དོན་ཁྲོད་ང་ཚོར་ལེགས་སྐྱེས་ཕུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

最新评论

相关推荐